2025ལོའི་ན་གོར་མོ་གྲོང་ཁྱེར་གྱིས་མེ་གསོད་རུ་མི་བསྡུ་བའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། སྲིད་གཞུང་གི་ཆེད་གཉེར་མེ་གསོད་རུ་ཁག་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ན་གོར་མོ་གྲོང་ཁྱེར་གྱི་མེ་གསོད་རོགས་སྐྱོབ་སྟོབས་ཤུགས་ལ་སྔར་ལས་ཤུགས་སྣོན་དང་། བདེ་འཇགས་ཀྱི་ཉེན་ཁ་གནད་ཆེན་སྔར་ལས་ལེགས་པའི་འགོག་ཟོན་བྱ་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གི་ཆེད་གཉེར་མེ་གསོད་རུ་ཁག་འཛུགས་སྐྲུན་དོ་དམ་བྱ་ཐབས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ན་གོར་མོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་གིས2025ལོར་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་སྲིད་གཞུང་གི་ཆེད་གཉེར་མེ་གསོད་རུ་མི12(ཕོ།)དང་མེ་གསོད་ཡིག་གཉེར་པ6(ཕོ་མོ་གང་རུང་།)བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་ལྟར།

ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས།

2.རྩ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་དགོས།

3.གཅིག་བསྡུས་དོ་དམ་དང་སྒྲིག་ལམ། ལས་ཁུངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་བརྩི་སྲུང་བྱེད་དགོས།

4.ལོ18ནས་28མན་ཡིན་དགོས།

5.མཚོ་སྔོན་གྱི་ཁྱིམ་ཐོའམ་མཚོ་སྔོན་གྱི་གནས་སྡོད་དཔང་ཡིག་དགོས།

6.མེ་གསོད་རུ་མིར་མཐོ་འབྲིང་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། མེ་གསོད་ཡིག་གཉེར་པར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཆེད་སྦྱོང་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས།

7.གཟུགས་པོ་བདེ་ཐང་ཡིན་དགོས།

8.ཀུན་སྤྱོད་ལེགས་ཤིང་། ཁྲིམས་འགལ་ཉེས་གསོག་དང་འགྲིམ་འགྲུལ་དོན་རྐྱེན་ཆེན་པོ་སོགས་མི་ལེགས་པའི་ཟིན་ཐོ་ཡོད་མི་རུང་།

9.བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་དགོས།

མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།

མེ་གསོད་རུ་མིའི་མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ8པའི་ཚེས6ནས་ཟླ9པའི་ཚེས6ཉིན་བར།

མེ་གསོད་ཡིག་གཉེར་པའི་མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ8པའི་ཚེས6ནས་ཟླ8པའི་ཚེས26ཉིན་བར།

མིང་ཐོ་འགོད་སའི་ས་གནས། ན་གོར་མོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་གི4ཐོག

འབྲེལ་གཏུགས་བྱ་ཡུལ།

ན་གོར་མོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་ལས་བསྡུ་བྱ་བའི་གཞུང་སྒྲུབ་ཁང་། 0979-8428890

ན་གོར་མོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་ལས་བསྡུ་བྱ་བའི་གཞུང་སྒྲུབ་ཁང་།

2025ལོའི་ཟླ8པའི་ཚེས4ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།