རྒྱལ་ཁབ་གཞུང་ནས་དབང་པོ་སྐྱོན་ཅན་ལ་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་སྲུང་བྱ་དགོས་ཞེས་བཀོད་ཡོད་པས།དབང་པོ་སྐྱོན་ཅན་གྱི་སློབ་གསོ་ནི་དབང་པོ་སྐྱོན་ཅན་གྱི་ལུས་སེམས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་གཤམ་གསལ་གྱི་བླང་བྱ་ལྟར་ལག་བསྟར་བྱ་དགོས།
(1) བསམ་བློའི་སློབ་གསོ་དང་རིག་གནས་སློབ་གསོ་སྤེལ་བ་དང་ཆབས་ཅིག་ཏུ་ལུས་སེམས་ཉམས་གསོ་དང་ལས་རིགས་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏང་དགོས།
(2) དབང་པོ་སྐྱོན་ཅན་གྱི་རིགས་དང་དང་ལེན་གྱི་ནུས་པར་གཞིགས་ནས་སྤྱིར་བཏང་གི་སློབ་གསོ་གཏོང་ཐབས་སམ་ཡང་ན་དམིགས་བསལ་གྱི་སློབ་གསོ་གཏོང་ཐབས་སྤྱོད་རྒྱུ།
(3) སློབ་གསོ་དམིགས་བསལ་ཅན་གྱི་སློབ་ཚན་བཀོད་སྒྲིག་དང་།སློབ་དེབ།སློབ་ཁྲིད་བྱེད་སྟངས།མིའི་སློབ་ཚན།སློབ་གྲྭར་ཡོད་མུས་ཀྱི་ལོ་ཚད་བཅས་འོས་འཚམ་གྱི་སྟབས་བསྟུན་བྱས་ཆོག