མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཨེ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་ནི་མཚོ་བོད་ས་མཐོའི་ཚྭ་འདམ་གཤོང་སའི་ནུབ་བྱང་གི་མཐའ་མཚམས་སུ་གནས་ཤིང་། དེ་ནི་རྡོ་སྣུམ་བཟོ་ལས་ཀྱི་རྗེས་ཤུལ་གྲོང་སྡེ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཚན་རྟོག་ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ནུབ་བྱང་བཟོ་ལས་གྲོང་སྡེ་ཕྱོགས་སྒྱུར་བྱ་རྒྱུར་བསམ་བཀོད་ཀྱིས་ཕྱུག་པའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།
འདི་ནི་ཡུལ་སྐོར་བས་ནག་བྲིས་རི་མོ་ལྟ་བུའི་ལེང་ཧུའུ་གྲོང་རྡལ་ནགས་རི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།
འདི་ནི་ཚན་རྟོག་རྩོམ་པ་པོ་མཁས་ཅན་དབྱང་ཕིང་གིས(གཡོན་གྱི་དང་པོ)ལེང་ཧུའུ་གྲོང་རྡལ“ལེང་ཧུའུ་ཚོད་ལྟ་ཁང”དུ་དབྱར་གསེང་གི་ཞིབ་སློབ་ནང་ཞུགས་པའི་ཕྲུ་གུ་དང་སྤེལ་རེས་བྱེད་བཞིན་པ།