ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་སྡེ་ཆེན་སྡེ་བ་རུ་བསྡུས་པའི་རྒྱུ་ནོར་ཕྱིར་སྤྲོད་ལས་དོན་ཚོགས་འདུའི་སྟེང་དུ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པས་ཕྱིར་བསྡུ་བྱས་པའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་ལྔ་སྟོང་དྲུག་སུམ་བརྒྱ་ཁྱིམ་ཚང་བརྒྱད་བརྒྱ་དང་ང་གཉིས་ཀྱི་སྡེ་མི་སུམ་སྟོང་དྲུག་བརྒྱ་གོ་གཅིག་ལ་ཕྱིར་སྤྲོད་བྱས། འདིའི་སྔོན་ལ། རྫ་སྟོད་རྫོང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་སྡེ་ཆེན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ལས་བྱེད་པས་གཏན་འབེབས་ལྟར་མང་ཚོགས་ལ་ཁེ་སྤོགས་མ་སྤྲད་པའི་སྐོར་གྱི་ཞུ་གཏུག་འབྱོར། རྫོང་དེའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་ཀུན་གྱི་སྣེ་ཁྲིད་དེ་གནད་དོན་དེའི་ཁུངས་སྣེར་ལྟ་སྒྲུབ་བྱས་པ་དང་། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་གྱོད་གཞིར་འགན་གཙང་ལེན་བྱས་ནས་སྐུལ་འདེད་བཏང་བར་མ་ཟད། ས་གནས་ཀྱི་གཞོགས་འདེགས་ལམ་སྲོལ་བཙུགས་ཏེ། རྫོང་དང་ཡུལ་ཚོའི་ལྟ་སྐུལ་སྟོབས་ཤུགས་གཅིག་སྡུད་བྱས་ནས་གནད་དོན་ཐག་གཅོད་བྱས། ཞིབ་བཤེར་བྱས་པ་བརྒྱུད། སྡེ་བ་དེའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་དབྱར་རྩྭ་དགུན་འབུ་འཚོལ་བསྡུ་དོ་དམ་ལག་བསྟར་ཇུས་གཞིའི་གཏན་འབེབས་ལྟར། སྡེ་བ་ཐུན་མོང་གི་དབྱར་རྩྭ་དགུན་འབུ་བརྐོས་པ་ལ་བརྟེན་ནས་ཐོབ་པའི་རྩྭ་ཐང་གི་ཁ་གསབ་གྲོན་དངུལ་མང་ཚོགས་ལ་བགོས་མེད་པ་ཤེས། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འབྲེལ་ཡོད་མི་སྣར་ཐག་གཅོད་དང་ཆད་པ་བཅད་པར་མ་ཟད། ཕྱིར་བསྡུ་བྱས་པའི་མ་དངུལ་ཕྱིར་མང་ཚོགས་ལ་སྤྲད།
སྡེ་བ་ཐུན་མོང་གི“མ་རྩ་གསུམ་པའི”ཁྱབ་ཁོངས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་བར་དམིགས་ཏེ། དབང་ཆ་ཆུང་ཆུང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་གོང་འོག་མཉམ་འགུལ་བྱས་ནས། དོ་དམ་ཁྱབ་ཁོངས་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་རྒྱབ་ཕྱོགས་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་ནན་མོ་བྱེད་པ། ལམ་ལུགས་ཀྱི་འགག་གནད་སེལ་བ་བཅས་བྱས་ནས། ཞིང་སྡེ་ཐུན་མོང་གི“མ་རྩ་གསུམ་པའི”དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་མངོན་སུམ་ཇེ་མཐོར་བཏང་།