རྟ་བོ་གྲོང་རྡལ་གྱི་གཞི་རྩའི་གནས་ཚུལ།

རྟ་བོ་གྲོང་རྡལ་ནི་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། ཆ་སྙོམས་མཚོ་འཕགས་སྨི 3719ཡིན། གྲོང་རྡལ་ཡོངས་ཀྱི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1955.2ཡོད་ཅིང་། རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི 234.4ཡོད། མངའ་ཁོངས་སུ་ཡོན་པོ། ཉི་མ་ལུང་། བྱེ་མ། ཁྲ་ཚང་། བག་མ་བཅས་སྲིད་འཛིན་སྡེ་བ5དང་། མཐུན་སྒྲིལ་ལམ་ལྷོ། མཐུན་སྒྲིལ་ལམ་བྱང་། རྨ་ཆུ་ལམ་ལྷོ། རྨ་ཆུ་ལམ་བྱང་། གངས་རི་ལམ་ལྷོ། གངས་རི་ལམ་བྱང་བཅས་སྤྱི་ཁུལ6གཞི་རིམ་ཏང་རྩ་འཛུགས12ཡོད། 2023ལོའི་བསྡོམས་རྩིས་ལྟར་ན་སྤྱིའི་མི་གྲངས34497དང་སྤྱིའི་ཁྱིམ་གྲངས10314ཡོད། གཞན་ཡང་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ། རྨ་ཆེན་རྫོང་མི་རིགས་སློབ་ཆུང་གསུམ་པ། རྟ་བོ་གྲོང་རྡལ་འཕྲོད་བསྟེན་ཁང་། རྟ་བོ་གྲོང་རྡལ་མངག་གཏོང་ཁང་། ལྷ་རི་དགོན། སེང་གེ་བརྒྱ་འདུས་དགོན་སོགས་ཡོད།
返回顶部