སྟག་ཐོག་ཡུལ་ཚོའི་གཞི་རྩའི་གནས་ཚུལ།

སྟག་ཐོག་ཡུལ་ཚོ་ནི་དར་ལག་རྫོང་གི་ནུབ་ཀྱི་སྤྱི་ལེ72མཚམས་སུ་ཡོད། ཆ་སྙོམས་མཚོ་འཕགས་སྨི 4350ཡིན། ཡུལ་ཚོ་ཡོངས་ཀྱི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2123.73དང་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི 450.18ཡོད། མངའ་ཁོངས་སུ་བྱ་ཆུ། ཁུགས་ཉལ། ཁོ་ཆུ་བཅས་སྲིད་འཛིན་སྡེ་བ3དང་། གཞི་རིམ་ཏང་རྩ་འཛུགས4ཡོད། 2023ལོའི་བསྡོམས་རྩིས་ལྟར་ན་སྤྱིའི་མི་གྲངས1915དང་སྤྱིའི་ཁྱིམ་གྲངས593ཡོད། གཞན་ཡང་སྟག་ཐོག་ཡུལ་ཚོ་བཅའ་སྡོད་སློབ་ཆུང་། སྟག་ཐོག་ཡུལ་ཚོ་འཕྲོད་བསྟེན་ཁང་། སྟག་ཐོག་ཡུལ་ཚོ་མངག་གཏོང་ཁང་། སྟག་ཐོག་དགོན་སོགས་ཡོད།
返回顶部