ཡར་ཐང་ཡུལ་ཚོའི་གཞི་རྩའི་གནས་ཚུལ།
ཡར་ཐང་ཡུལ་ཚོ་ནི་པདྨ་རྫོང་གི་ཤར་ལྷོའི་སྤྱི་ལེ32མཚམས་སུ་ཡོད། ཆ་སྙོམས་མཚོ་འཕགས་སྨི 3450ཡིན། ཡུལ་ཚོ་ཡོངས་ཀྱི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ368.54ཡོད་ཅིང་། རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི 26.51དང་རྨོ་ཞིང་གི་རྒྱ་ཁྱོན་མུའུ4065ཡོད། མངའ་ཁོངས་སུ་རི་གདོང་། སྒོ་མང་། དབང་རོལ་བཅས་སྲིད་འཛིན་སྡེ་བ3དང་། གཞི་རིམ་ཏང་རྩ་འཛུགས4ཡོད། 2023ལོའི་བསྡོམས་རྩིས་ལྟར་ན་སྤྱིའི་མི་གྲངས2045དང་སྤྱིའི་ཁྱིམ་གྲངས538ཡོད། གཞན་ཡང་ཡར་ཐང་ཡུལ་ཚོ་བཅའ་སྡོད་སློབ་ཆུང་། ཡར་ཐང་ཡུལ་ཚོ་འཕྲོད་བསྟེན་ཁང་། ཡར་ཐང་ཡུལ་ཚོ་མངག་གཏོང་ཁང་། འབྲ་ལོ་དགོན། དཔལ་སྡེ་དགོན། སྒོ་མང་དགོན། དབུ་ཙ་དགོན་སོགས་ཡོད།