སོག་རུ་མ་ཡུལ་ཚོའི་གཞི་རྩའི་གནས་ཚུལ།
སོག་རུ་མ་ཡུལ་ཚོ་ནི་གཅིག་སྒྲིལ་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ74མཚམས་སུ་ཡོད། ཆ་སྙོམས་མཚོ་འཕགས་སྨི 4000ཡིན། ཡུལ་ཚོ་ཡོངས་ཀྱི་སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ244.55ཡོད་ཅིང་། རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི 221ཡོད། མངའ་ཁོངས་སུ་ལྕམ། འབྲིང་མདའ། རྫ་ར། སོག་རུ་མ་བཅས་སྲིད་འཛིན་སྡེ་བ4 དང་། གཞི་རིམ་ཏང་རྩ་འཛུགས5ཡོད། 2023ལོའི་བསྡོམས་རྩིས་ལྟར་ན་སྤྱིའི་མི་གྲངས5381དང་སྤྱིའི་ཁྱིམ་གྲངས1232ཡོད། གཞན་ཡང་སོག་རུ་མ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་། སོག་རུ་མ་ཡུལ་ཚོ་འཕྲོད་བསྟེན་ཁང་། སོག་རུ་མ་ཡུལ་ཚོ་མངག་གཏོང་ཁང་། ལྕམ་མདའ་དགོན་སོགས་ཡོད།